|
作词 : 洛桑龙珠 |
|
作曲 : 洛桑龙珠 |
|
ཕྱི་ཁྲ་ཁྲའི་འཇིག་རྟེན་ཡིན་ཡང་།། |
|
སེམས་ཁྲ་ཁྲའི་དབང་ལ་ཤོར་མེད།། |
|
གྲོང་མི་ཚོགས་རྙོག་འཛིག་ཆེ་ཡང་།། |
|
རང་རྟེན་པོའི་ཚུགས་ཀ་འགྱུར་མེད།། |
|
སོ་ཡ་ཡ་་་ |
|
མི་རྐྱང་འཁྱམས་པོའི་རང་ཚུགས་རྟེན་པོ་ཡིན་སོང་།། |
|
ཡུལ་རྒྱུས་མེད་ས་མཐའ་འགྲིམ་ཀྱང་།། |
|
སྐྱིད་རང་ཡུལ་ལུངས་པ་བརྗེད་མེད།། |
|
སྟོང་སྡེ་བ་མྱི་ཁ་ཆེ་ཡང་།། |
|
བློ་ཡིད་ཆེས་བྱེད་ས་ནོར་མེད།། |
|
སོ་ཡ་ཡ་་་ |
|
མི་རྐྱང་འཁྱམས་པོའི་ཡིད་སེམས་སྐྱིད་པོ་ཡིན་སོང་།། |
|
ཚེ་སྔ་མའི་སྨོན་ལམ་བཟང་པོའི།། |
|
བོད་ཆོས་ལྡན་ཞིང་དུ་སྐྱེ་སོང་།། |
|
སྤྲོ་ལྷང་ལྷང་གླུ་ཆུང་ལེན་པ།། |
|
སྐྱིད་མི་ཡུལ་འགྲིམ་པའི་དོན་ཡིན།། |
|
སོ་ཡ་ཡ་་་་ |
|
མི་རྐྱང་འཁྱམས་པོ་གར་སོང་སྐྱིད་པོ་ཡིན་སོང་།། |
|
|