作词 : 洛桑龙珠 作曲 : 洛桑龙珠 ཕྱི་ཁྲ་ཁྲའི་འཇིག་རྟེན་ཡིན་ཡང་།། སེམས་ཁྲ་ཁྲའི་དབང་ལ་ཤོར་མེད།། གྲོང་མི་ཚོགས་རྙོག་འཛིག་ཆེ་ཡང་།། རང་རྟེན་པོའི་ཚུགས་ཀ་འགྱུར་མེད།། སོ་ཡ་ཡ་་་ མི་རྐྱང་འཁྱམས་པོའི་རང་ཚུགས་རྟེན་པོ་ཡིན་སོང་།། ཡུལ་རྒྱུས་མེད་ས་མཐའ་འགྲིམ་ཀྱང་།། སྐྱིད་རང་ཡུལ་ལུངས་པ་བརྗེད་མེད།། སྟོང་སྡེ་བ་མྱི་ཁ་ཆེ་ཡང་།། བློ་ཡིད་ཆེས་བྱེད་ས་ནོར་མེད།། སོ་ཡ་ཡ་་་ མི་རྐྱང་འཁྱམས་པོའི་ཡིད་སེམས་སྐྱིད་པོ་ཡིན་སོང་།། ཚེ་སྔ་མའི་སྨོན་ལམ་བཟང་པོའི།། བོད་ཆོས་ལྡན་ཞིང་དུ་སྐྱེ་སོང་།། སྤྲོ་ལྷང་ལྷང་གླུ་ཆུང་ལེན་པ།། སྐྱིད་མི་ཡུལ་འགྲིམ་པའི་དོན་ཡིན།། སོ་ཡ་ཡ་་་་ མི་རྐྱང་འཁྱམས་པོ་གར་སོང་སྐྱིད་པོ་ཡིན་སོང་།།