| བྱམས་བརྩེ་ཅན་གྱི་ཡུམ་ཆེན། | |
| ཆུང་སྦར་མོ་གང་ནས་སྐྱོང། | |
| སྡུག་རི་རབ་ཁྱད་བསད་བྱམས་སེམས་བུ་ལ་བཅངས། | |
| ཟ་སྡོད་འགྲོ་གསུམ་ཁྱེད་ཀྱིས་བསླབས། | |
| ཐུགས་རྗེའི་དྲིན་གྱིས་བུ་ཆུང་འཚར་ལོངས་བྱུང་། | |
| ད་ཆ་བུ་ངས་མི་ཡུལ་ལ་ལེགས་སྐྱེས་ཡང་ཡང་བཞག་པའི་དུས། | |
| ཡུམ་ཆེན་ལོན་རྒས་ཏེ་དབུ་སྐྲ་དཀར་པོར་གྱུར། | |
| བྱམས་བརྩེ་ཅན་གྱི་ཨ་མ་ལགས། | |
| ཁྱེད་ཀྱི་བཀའ་དྲིན་ནམ་ཡང་ཡིད་ལ་འཆར། | |
| དུས་རབས་གསར་པའི་གཞོན་ནུ་ཚོ། | |
| ཡུམ་གྱི་ཐུགས་རྗེ་ནམ་ཡང་སྙིང་དབུས་བཅངས། |