|
作词 : 尼玛才培 |
|
作曲 : 思塔多杰 |
|
བཀྲ་ཤིས་ཀྱི་ལོ་གསར་ཉིན་མོ་ལ། |
|
ཉི་ཟླ་བཞིན་ཕ་མའི་འཛུམ་མདངས་རྒྱས། |
|
སྐར་ཚོགས་ལྟར་ཕུ་ནུའི་བརྩེ་སེམས་མཐུན། |
|
ཁྱིམ་མི་ཚོ་ལྷན་འཛོམས་བྱུང་བ་སྤྲོ། |
|
ཨ་་་་་དགལ་བ་ལ། སྐྱིད་པ་ལ། |
|
ཁྱོད་ཀྱིས་ཞབས་བྲོ་འཁྲབ། ང་ཡིས་གླུ་དབྱངས་ལེན། |
|
ཁྲ་ཆུང་མིག་གི་དགའ་སྟོན་དང་། |
|
སྙན་དབང་གསོ་བའི་བདུད་རྩི་ཡིན། |
|
ང་ཚོ་ཚང་མས་བཀྲ་ཤིས་ལོ་གསར་ལ་རོལ། |
|
བསང་མཆོད་ཀྱི་དུད་སྤྲིན་མཁའ་དབྱིངས་ཁྱབ། |
|
ཀུ་བསྭོ་ཡི་འབོད་སྒྲ་གནམ་དུ་སྒྲོག |
|
རླུང་རྟ་ཡི་མེ་ཏོག་ཕྱོགས་བཞིར་མཆོད། |
|
བཀྲ་ཤིས་ཀྱི་ལོ་གསར་རྟེན་འབྲེལ་འགྲིག |
|
ཨ་་་་་དགའ་བ་ལ སྐྱིད་པ་ལ། |
|
ཁྱོད་ཀྱིས་ཀུ་བསྭོ་འབོད། ང་ཡིས་བསང་མཆོད་འབུལ། |
|
མཆོག་གསུམ་འབུལ་བའི་མཆོད་ཡིན། |
|
བདག་སོགས་བྱིན་རླབས་དངོས་གྲུབ་སྩོལ། |
|
ང་ཚོ་ཚོང་མས་བཀྲ་ཤིས་ལོ་གསར་ལ་རོལ། |
|
དཀར་དམར་གྱི་ཞལ་ཟས་མཆོད་བཤམ་བྱེད། |
|
སྦྲང་དཀར་གྱི་རྩམ་པས་ཕྱེ་མར་བཅའ། |
|
འབྲི་བརྒྱ་ཡི་འོ་མའི་ཉུང་ཁུར་རོལ། |
|
གྲོ་མ་ཡི་མར་ཁུའི་མཆོད་པ་བཞེས། |
|
ཨ་་་་་་དགའ་བ་ལ། སྐྱིད་པ་ལ། |
|
ཁྱོད་ཀྱིས་མཆོད་པ་བཤམ། ང་ཡིས་མཆོད་གླུ་ལེན། |
|
དྭངས་གཙང་ཡིད་ཀྱི་མཆོད་པ་འདི། |
|
གནམ་ལོ་གསར་པའི་ལེགས་སྐྱེས་ཡིན། |
|
ང་ཚོ་ཚང་མས་བཀྲ་ཤིས་ལོ་གསར་ལ་རོལ། |
|
在这吉祥的一天 |
|
祝愿父母健康长寿 |
|
祝愿亲人万事如意 |
|
祝愿朋友事事顺心 |
|
祝愿世界和平发展 |
|
最好祝愿献给你 |
|
在这吉祥的一天 |
|
请您品尝酥油茶 |
|
请您品尝青稞酒 |
|
请你带上真与情 |
|
美好祝福带给你 |