gu xiang. guo luo

Song 故乡.果洛
Artist 旦增才让
Album 达瓦央宗

Lyrics

ཚིག་རྟ་བོ་རྨ་སྲས་ཕོ་ཉ།
作词:玛赛普纳
དབྱངས་གླིང་རྒྱལ་འཆི་མེད་ཚེ་རིང་།
作曲:郎甲曲迈才让
རིགས་མཐོན་པོ་ལྷ་ཡི་གདུང་རྒྱུད།།
བྱམས་སྙིང་རྗེ་པད་དཀར་འཛིན་པ།།
བློ་རྣོ་བ་འཇམ་དབྱངས་རིགས་ལྔ།།
ངའི་ཕ་ཡུལ་ཆོས་སྡེ་མགོ་ལོག
ནང་ལ་ཆང་གསོལ་རོགས།
ཨ་ཡང་ལ་མོ་ཟེར་ར་ངའི་གླུ་ཞིག་ལེན།
ངའི་བཙན་པོའི་ཕ་ཁྱིམ། ཕ་ཡུལ་ལགས་མགོ་ལོག
ཕ་ཡུལ་མགོ་ལོག་ངོ་སོ་གླུ་ཡིས་བསྟོད།
ཆོས་ལུང་རྟོགས་འཆད་ཉན་ཡར་དར།།
གཞུང་བཅུ་ཕྲག་རིག་གནས་ཡར་རྒྱས།།
ནོར་ལོངས་སྤྱོད་སྙན་གྲགས་ཡར་འཕེལ།།
ངའི་ཕ་ཡུལ་ཨ་མདོ་མགོ་ལོག
ནང་ལ་ཆང་གསོལ་རོགས།
ཨ་ཡང་ལ་མོ་ཟེར་ར་ངའི་གླུ་ཞིག་ལེན།
ངའི་རིག་པའི་ལྡིང་ཁང་། ཕ་ཡུལ་ལགས་མགོ་ལོག
ཕ་ཡུལ་མགོ་ལོག་ངོ་སོ་གླུ་ཡིས་བསྟོད།།
གངས་དཀར་བོ་རྨ་ཆེན་སྦོམ་ར།།
རི་ལྷུན་པོ་གཉན་པོ་གཡུ་རྩེ།།
ཆུ་དྭངས་མོ་རྨ་ཆུ་ལི་མ།།
ངའི་ཕ་ཡུལ་དག་ཞིག་མགོ་ལོག
ནང་ལ་ཆང་གསོལ་རོགས།
ཨ་ཡང་ལ་མོ་ཟེར་ར་ངའི་གླུ་ཞིག་ལེན།
ངའི་སྣོད་བཅུད་འཇིག་རྟེན། ཕ་ཡུལ་ལགས་མགོ་ལོག
ཕ་ཡུལ་མགོ་ལོག་ངོ་སོ་གླུ་ཡིས་བསྟོད།

Pinyin

zuò cí: mǎ sài pǔ nà
zuò qǔ: láng jiǎ qū mài cái ràng