~ ངའི་སེམས་ཀྱི་མེ་ཏོག། མེ་ཏོག་ཞལ་ཁ་ཟིམ་སོང་། དྲི་བསུང་རླུང་གིས་རྐུས་སོང་། སྦྲང་ཆུང་གཞོན་ནུ་ང་རང་སེམས་པ་ཤོག། དྲིན་ཆེན་རླུང་བུ་དྲི་བསུང་གང་སར་མ་ཁྱེར། སྦྲང་ཆུང་སེམས་པའི་གཏད་ས་མཛེས་པའི་མེ་ཏོག། ~ ངའི་སེམས་ཀྱི་མེ་ཏོག། མེ་ཏོག་ཞལ་ཁ་ཟིམ་སོང་། དྲི་བསུང་རླུང་གིས་རྐུས་སོང་། སྦྲང་ཆུང་གཞོན་ནུ་ང་རང་སེམས་པ་ཤོག། དྲིན་ཆེན་རླུང་བུ་དྲི་བསུང་གང་སར་མ་ཁྱེར། སྦྲང་ཆུང་སེམས་པའི་གཏད་ས་མཛེས་པའི་མེ་ཏོག། ~ མཛེས་པའི་མེ་ཏོག། ཁྱེད་རང་ཞལ་ཁ་མ་གཟུམ་དང་། ང་ཡང་ཡང་སྦྲང་མར་སྐྱེས་ནས། ཁྱེད་དང་མཉམ་དུ་ཕྲད་པར་སྨོན་ལམ་འདེབས་ཡོད། མཛེས་པའི་མེ་ཏོག། ཁྱེད་རང་ཞལ་ཁ་མ་གཟུམ་དང་། ང་ཡང་ཡང་སྦྲང་མར་སྐྱེས་ནས། ཁྱེད་དང་མཉམ་དུ་ཕྲད་པར་སྨོན་ལམ་འདེབས་ཡོད། ~