༈ གནས་ཆེན་རི་བོ་རྩེ་ལྔའི་ཞིང་ཁམས་ནས། ། འཇམ་དཔལ་ཐུགས་ཀྱི་བྱིན་རླབས་ཡིད་ལ་ངེས། ། འཇིགས་མེད་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས། ། དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས།། ཨོྃ་ཨྰ་ཧྰུྃ། 自大圣境五台山 文殊加持入心者 祈祷晋美彭措足 证悟意传求加持 ༈ འཇིགས་བྲལ་པདྨའི་རིང་ལུགས་རྨད་བྱུང་བ། ། རྒྱུད་གསུམ་རིག་འཛིན་རྒྱ་མཚོའི་ཞལ་སྐྱིན་མཆོག ། རང་རིག་དོན་གྱི་ངོ་བོ་བླ་མ་རྗེ། ། སྒྲོལ་མ་ཚེ་རིང་ཞབས་ལ་གསོལ་བ་འདེབས། ། ཨོྃ་ཨྰ་ཧྰུྃ། 无上无畏如莲之自宗 三续持明大海之摄行 自证分之谛实为师尊 卓玛次仁足前诚祈祷 唵啊吽!