作词 : 仓央嘉措 作曲 : 扎西多杰 བྱ་དེ་ཁྲུང་ཁྲུང་དཀར་པོ། ཤོག་རྩལ་ང་ལ་གཡར་དང་། ཐག་རིང་རྒྱང་ལ་མི་འགྲོ། ལི་ཐང་བསྐོར་ནས་སླེབས་ཡོང་། ཐག་རིང་རྒྱང་ལ་མི་འགྲོ། ལི་ཐང་བསྐོར་ནས་སླེབས་ཡོང་། ཧ་ཧ་ཧ་ཧ། ཧ་ཧ་ཧ་ཧ། བྱ་དེ་ཁྲུང་ཁྲུང་དཀར་པོ། ཤོག་རྩལ་ང་ལ་གཡར་དང་། ཐག་རིང་རྒྱང་ལ་མི་འགྲོ། ལི་ཐང་བསྐོར་ནས་སླེབས་ཡོང་། རྒྱ་གར་ཤར་གྱི་རྨ་བྱ། ཀོང་ཡུལ་གཞུང་གིས་ནེ་ཙོ། འཁྲུངས་ས་འཁྲུངས་ཡུལ་མ་གཅིག། འཛོམས་ས་ཆོས་འཁོར་ལྷ་ས། འཁྲུངས་ས་འཁྲུངས་ཡུལ་མ་གཅིག། འཛོམས་ས་ཆོས་འཁོར་ལྷ་ས། ཧ་ཧ་ཧ་ཧ། ཧ་ཧ་ཧ་ཧ། རྒྱ་གར་ཤར་གྱི་རྨ་བྱ། ཀོང་ཡུལ་གཞུང་གིས་ནེ་ཙོ། འཁྲུངས་ས་འཁྲུངས་ཡུལ་མ་གཅིག། འཛོམས་ས་ཆོས་འཁོར་ལྷ་ས། ལྕང་མ་བྱིའུ་ལ་སེམས་ཤོར། བྱིའུ་ལྕང་མར་སེམས་ཤོར། སེམས་ཤོར་མཐུན་པ་བྱུང་ན། བྱ་ཁྲ་འོད་པ་མ་གཏོང། སེམས་ཤོར་མཐུན་པ་བྱུང་ན། བྱ་ཁྲ་འོད་པ་མ་གཏོང། ཧ་ཧ་ཧ་ཧ། ཧ་ཧ་ཧ་ཧ།