༄༅།།ལམ་འགྲོ་བ།། གེ་རྒྱལ་པད་མ། མཐོ་ནམ་མཁའི་བྱ་ལམ་གོང་མ་ནས། ། བྱ་ཐང་དཀར་ཞིག་གི་ཡར་ཤོག་ཟེར། ། ཡར་མི་ཡོང་ཐང་དཀར་སྐུ་ཚེ་རིང་། ། ཁྱེད་འདྲ་བའི་ནམ་འཕངས་ང་ལ་མེད། ། ཡར་མི་ཡོང་ཐང་དཀར་སྐུ་ཚེ་རིང་། ། ཁྱེད་འདྲ་བའི་ནམ་འཕངས་ང་ལ་མེད། ། མཐོ་ནམ་མཁའི་བྱ་ལམ་བར་མ་ནས། ། བྱ་རྨ་བྱ་ཞིག་གིས་ཡར་ཤོག་ཟེར། ། ཡར་མི་ཡོང་རྨ་བྱ་སྐུ་ཚེ་རིང་། ། ཁྱེད་འདྲ་བའི་མཛེས་ཉམས་ང་ལ་མེད། ། ཡར་མི་ཡོང་རྨ་བྱ་སྐུ་ཚེ་རིང་། ། ཁྱེད་འདྲ་བའི་མཛེས་ཉམས་ང་ལ་མེད། ། བྱ་དེ་དེ་འདྲའི་མཛེས་པ་ལ། ། གསུངས་སྐད་དེ་འདྲའི་སྙན་པ་ལ། ། བྱ་དེ་དེ་འདྲའི་མཛེས་པ་ལ། ། གསུངས་སྐད་དེ་འདྲའི་སྙན་པ་ལ་དང་ལ། ། མཐོ་ནམ་མཁའི་བྱ་ལམ་འོག་མ་ནས། ། བྱ་ཁུ་བྱུག་ཞིག་གིས་ཡར་ཤོག་ཟེར། ། ཡར་མི་ཡོང་ཁུ་བྱུག་སྐུ་ཚེ་རིང་། ། ཁྱེད་འདྲ་བའི་གསུངས་སྐད་ང་ལ་མེད། ། ཡར་མི་ཡོང་ཁུ་བྱུག་སྐུ་ཚེ་རིང་། ། ཁྱེད་འདྲ་བའི་གསུངས་སྐད་ང་ལ་མེད། ། བྱ་དེ་དེ་འདྲའི་མཛེས་པ་ལ། ། གསུངས་སྐད་དེ་འདྲའི་སྙན་པ་ལ། ། བྱ་དེ་དེ་འདྲའི་མཛེས་པ་ལ། ། གསུངས་སྐད་དེ་འདྲའི་སྙན་པ་ལ་དང་ལ། ། བྱ་དེ་དེ་འདྲའི་མཛེས་པ་ལ། ། གསུངས་སྐད་དེ་འདྲའི་སྙན་པ་ལ་དང་ལ། ། བྱ་དེ་དེ་འདྲའི་མཛེས་པ་ལ། ། གསུངས་སྐད་དེ་འདྲའི་སྙན་པ་ལ་དང་ལ། །