སྐྱ་རེངས་སྐྱ་མཐའ་བཀྱགས་སོང་། རྩྭ་མགོའི་ཟིལ་པ་འཛུམ་སོང་། བྱིའུ་ཆུང་གསུང་སྐད་ཀྱུར་ཀྱུར། བུ་མོ་གཉིད་ལས་དཀྲོགས་སོང་། རིགས་བཟང་ཆུ་ལེན་བུ་མོ། ལུས་ལ་རྒྱན་ཆ་སྤྲས་ནས། གཡང་གི་ཆུ་ཟོམ་ཁ་ལ། འབྲི་མར་སེར་པོས་བརྒྱན་སོང་། སླས་སྐྲ་རྒྱབ་ལ་གཡུགས་སོང་། རྨ་བྱའི་སྒྲོ་གར་ཕུབ་འདྲ། ཟིལ་ཆུ་ལྷམ་མགོར་ལེན་སོང་ ལྷམ་ལ་མུ་ཏིག་གཏོར་འདྲ། རིགས་བཟང་ཆུ་ལེན་བུ་མོས། བསམ་དོན་ཆུ་ལ་བཅོལ་ནས། སྟེང་ཕྱོགས་ཨ་སྔོན་གནམ་ལ། ཆུ་ཕུད་ལན་གསུམ་མཆོད་སོང་། ཨ་ཨ ཆུ་ལེན་བུ་མོ། ཨ་ཨ ཆུ་ལེན་བུ་མོ། ཚེ་གཅིག་ལུས་ཐོག་འདི་ལ། མི་རྟག་འཁོར་བའི་སྐྱིད་སྡུག། ཆུ་ལེན་བུ་མོའི་ལས་དབང་། ཆུ་ཟོམ་གཉིས་ལ་བསྐོས་སོང་། བརྩེ་ཞེན་སྐྱོགས་ལ་གཅུས་སོང་། ཆུ་ཟོམ་འདུན་པས་བཀང་སོང་། ལྡེམ་ལྡེམ་ཡང་བའི་གོམ་འགྲོས། ཆུ་ལེན་ཁྱིམ་ལ་སླེབས་སོང་། རིགས་བཟང་ཆུ་ལེན་བུ་མོས། ཁྱིམ་ལ་ཆུ་ཐབ་བསྒྲིགས་ནས། སྦྲ་ནག་གྲུབ་བཞིའི་སྟེང་ལ། དུ་བའི་འཇའ་རིས་འཁྲིགས་སོང་། ཨ་ཨ ཆུ་ལེན་བུ་མོ། ཨ་ཨ ཆུ་ལེན་བུ་མོ། ཚེ་གཅིག་ལུས་ཐོག་འདི་ལ། མི་རྟག་འཁོར་བའི་སྐྱིད་སྡུག ཆུ་ལེན་བུ་མོའི་ལས་དབང་། ཆུ་ཟོམ་གཉིས་ལ་བསྐོས་སོང་། ཆུ་ཟོམ་གཉིས་ལ་བསྐོས་སོང་།