བསྟན་འཛིན་གཡང་སྐྱིད། བུ་མོ་བསྟན་འཛིན་གཡང་སྐྱིད་བུ་ཆུང་གིས་ཁྱེད་རང་དྲན་ཞག བརྩེ་སེམས་གཞས་ལ་བཀོད་བཞག་ཁྱེད་ཀྱི་གསན་གི་ཨེ་ཡོད། བརྩེ་སེམས་གཞས་ལ་བཀོད་བཞག་ཁྱེད་ཀྱི་གསན་རོགས་གནང་དང་། འུ་ཧུ་་ ཁྱེད་རང་དྲན་པའི་སྐབས་སུ་ཉི་མ་ལོ་ལས་རིང་བ། ཁྱེད་རང་བསམ་བཞིན་བསམ་བཞིན་བུ་མོ་བསྟན་གཡང་སྐྱིད། ཁྱེད་ཀྱི་གསན་ན་བསྟན་འཛིན་གཡང་སྐྱིད། ང་ཡི་སྐད་ཆ་ཁྱེད་ཀྱི་གསན་དང་། ངས་བསྐྱལ་བའི་མི་ཚེའི་འདི་ཡི་ནང་བུ་མོ་མང་པོ་ཐུག་ཡོད་ཀྱང་། དུས་ཚོད་ནམ་ཡང་བརྗེད་ཐབས་མེད་པ་ནི་བསྟན་འཛིན་གཡང་སྐྱིད། ཁོང་ཞལ་རས་དཀར་གསལ་ཟླ་བ་མེད། ཁོང་སྐུ་གཟུགས་ཙ་རིའི་བུ་སྨྱུག་མ་མེད། བུ་ངས་ཁོང་ལ་བཅངས་པའི་བརྩེ་སེམས་ནམ་ཡང་འགྱུར་བ་ག་ལ་སྲིད། ཤང་ཤང་གི་ཆུ་མོ་གསན་དང་། ལྷ་སའི་སྐྱིད་ཆུ་གསན་དང་། གལ་སྲིད་ཁྱེད་ལ་འཕྲིན་གཅིག་བསྐུར་ན་ཁོང་གི་ཕྱོགས་ལ་འབྱོར་རམ། ཁྱེད་གཞན་མི་ཡུལ་སློབ་གྲྭའི་ནང་ཤེས་བྱ་རིག་གནས་དེ་བརྩོན་གནང་། དུས་ནམ་ཞིག་ང་གཉིས་མཇལ་བའི་དུས་སུ་སྐད་ཆ་ཚང་མ་མདུན་ལ་བཤད། དེ་རིང་ངའི་གཞས་འདི་བྱུང་བ་ཚེ་སྔོན་མའི་བར་ཆད་ཡིན་ནམ། ཁྱེད་རང་དྲན། སེམས་པ་སྐྱོ། མིག་ཆུ་ཤོར། ཟང་ཟིང་གི་འཇིག་རྟེན་འདིའི་ནང་ལྷད་མེད་བརྩེ་དུང་ རྒྱུ་ཡིས་འཁྱེར་ནའི་དབང་གི་འཁྱེར་ནའི། ལྷད་མེད་བརྩེ་སེམས་ཁྱེད་ལ་བཤད། བུ་མོ་བསྟན་འཛིན་གཡང་སྐྱིད་བུ་ཆུང་གིས་ཁྱེད་རང་དྲན་ཞག བརྩེ་སེམས་གཞས་ལ་བཀོད་བཞག་ཁྱེད་ཀྱི་གསན་གི་ཨེ་ཡོད། བརྩེ་སེམས་གཞས་ལ་བཀོད་བཞག་ཁྱེད་ཀྱི་གསན་རོགས་གནང་དང་། འུ་ཧུ་་ ངས་བསྐྱལ་བའི་མི་ཚེའི་འདི་ཡི་ནང་བུ་མོ་མང་པོ་ཐུག་ཡོད་ཀྱང་། དུས་ཚོད་ནམ་ཡང་བརྗེད་ཐབས་མེད་པ་ནི་བསྟན་འཛིན་གཡང་སྐྱིད། ཁོང་ཞལ་རས་དཀར་གསལ་ཟླ་བ་མེད། ཁོང་སྐུ་གཟུགས་ཙ་རིའི་བུ་སྨྱུག་མ་མེད། བུ་ངས་ཁོང་ལ་བཅངས་པའི་བརྩེ་སེམས་ནམ་ཡང་འགྱུར་བ་ག་ལ་སྲིད། ཤང་ཤང་གི་ཆུ་མོ་གསན་དང་། ལྷ་སའི་སྐྱིད་ཆུ་གསན་དང་། གལ་སྲིད་ཁྱེད་ལ་འཕྲིན་གཅིག་བསྐུར་ན་ཁོང་གི་ཕྱོགས་ལ་འབྱོར་རམ། ཁྱེད་གཞན་མི་ཡུལ་སློབ་གྲྭའི་ནང་ཤེས་བྱ་རིག་གནས་དེ་བརྩོན་གནང་། དུས་ནམ་ཞིག་ང་གཉིས་མཇལ་བའི་དུས་སུ་སྐད་ཆ་ཚང་མ་མདུན་ལ་བཤད། དེ་རིང་ངའི་གཞས་འདི་བྱུང་བ་ཚེ་སྔོན་མའི་བར་ཆད་ཡིན་ནམ། ཁྱེད་རང་དྲན། སེམས་པ་སྐྱོ། མིག་ཆུ་ཤོར། ཟང་ཟིང་གི་འཇིག་རྟེན་འདིའི་ནང་ལྷད་མེད་བརྩེ་དུང་ རྒྱུ་ཡིས་འཁྱེར་ནའི་དབང་གི་འཁྱེར་ནའི། ལྷད་མེད་བརྩེ་སེམས་ཁྱེད་ལ་བཤད། ཁྱེད་ཀྱི་གསན་ན་བསྟན་འཛིན་གཡང་སྐྱིད། ང་ཡི་སྐད་ཆ་ཁྱེད་ཀྱི་གསན་དང་།