作词 : 索朗巴珠 作曲 : 索秀次仁尼玛 ཀུན་གཟིགས་འོད་མཚན་མགོན་པོའི། མཚན་པའི་མེ་ཏོག་འཁྲུངས་ས། བདེ་ལྡན་ཞིང་གི་ན་སླ། ཕ་ཡུལ་ལྷ་རིའི་སྐྱིད་པ། བདེ་ལྡན་ཞིང་གི་ན་སླ། ཕ་ཡུལ་ལྷ་རིའི་སྐྱིད་པ། འོ་་་་་་ཧོ་་་་་་འོ། འོ་་་་་་ཧོ་་་་་་འོ། ཕ་ཡུལ་ལྷ་རི། ཕ་ཡུལ་ལྷ་རི། སྐྱིད་པ་ལ། སྐྱིད་པ་ལ། ལྷ་ལྡན་སྐྱིད་ཆུའི་མགོ་མ། ཉང་གཡག་ནོར་གྱི་ཕ་ས། བདུད་བརྩི་སྨན་གྱི་གཏེར་མཛོད། ཕ་ཡུལ་ལྷ་རིའི་སྐྱིད་པ། བདུད་བརྩི་སྨན་གྱི་གཏེར་མཛོད། ཕ་ཡུལ་ལྷ་རིའི་སྐྱིད་པ། འོ་་་་་་ཧོ་་་་་་འོ། འོ་་་་་་ཧོ་་་་་་འོ། ཕ་ཡུལ་ལྷ་རི། ཕ་ཡུལ་ལྷ་རི། སྐྱིད་པ་ལ། སྐྱིད་པ་ལ། ནོར་ནག་ཆུང་ཁྲ་ཡག་རྫ་ལ་གདའ། ལུག་གཡང་དཀར་སྤང་དཀར་མགུལ་ན་གདའ། རྟ་འདོ་བ་ན་དམར་གཞུང་ན་གདའ། རིགས་གསུམ་མགོན་པོའི་བླ་མཚོ། ལྷ་ཆེན་ཨ་ཏི་བྲག་བསྟོན། ཡི་དམ་བདེ་མཆོག་ཕོ་བྲང་། ཕ་ཡུལ་ལྷ་རིའི་སྐྱིད་པ། ཡི་དམ་བདེ་མཆོག་ཕོ་བྲང་། ཕ་ཡུལ་ལྷ་རིའི་སྐྱིད་པ། འོ་་་་་་ཧོ་་་་་་འོ། འོ་་་་་་ཧོ་་་་་་འོ། ཕ་ཡུལ་ལྷ་རི། ཕ་ཡུལ་ལྷ་རི། སྐྱིད་པ་ལ། སྐྱིད་པ་ལ། ལྷ་དང་བླ་མའི་འཁྲུངས་ཡུལ། ཡུལ་ལ་དགེ་བཅུ་ཚང་ཞིང་། མི་རྣམས་གཤིས་བརྒྱུད་བཟང་ཞིང་། ཕ་ཡུལ་ལྷ་རིའི་སྐྱིད་པ། མི་རྣམས་གཤིས་བརྒྱུད་བཟང་ཞིང་། ཕ་ཡུལ་ལྷ་རིའི་སྐྱིད་པ། འོ་་་་་་ཧོ་་་་་་འོ། འོ་་་་་་ཧོ་་་་་་འོ། ཕ་ཡུལ་ལྷ་རི། ཕ་ཡུལ་ལྷ་རི། སྐྱིད་པ་ལ། སྐྱིད་པ་ལ།