作词 : 智明嘉措/龙真 作曲 : 智明嘉措/龙真 བོད་པ་ཚང།། ན་ཟླ་ཚོ། ང་ཡི་བོད་རིགས་སྤུན་ཟླ་ཚོའི། རང་སྐད་རང་གིས་མ་ཤེས་ན། ངོ་ཚ་རེད། ངོ་ཚ་རེད། ཡ་ཡ་ཡ་ན་ཟླ་ཚོ། མ་འདུག་མ་ཡུམ་སློབ་གྲྭ་འགྲིམས། རིན་ཆེན་ཀ་ཁ་སློབ་ཏུ་འགྲོ བོད་ཡིག་སྦྱོང་། བོད་ཡིག་སྦྱོང་། མཁས་མཆོག་ཐོན་མི་ས མ་བྷོ་ཊས། རྒྱ་གར་ཡི་གེ་དཔེར་བླངས་ནས། བོད་ཡིག་འབྲི་བའི་སྲོལ་ཆེན་བཏོད། དབྱངས་བཞི་གསལ་བྱེད་སུམ་ཅུ་དང་། གསལ་བྱེད་ནང་ནས་རྗེས་འཇུག་བཅུ། ག་ང་ད་ན་བ་མ་འ་ར་ལ་ས་དང་དེ་ནང་ནས། ག་ད་བ་མ་འ་སྔོན་འཇུག ། བོད་ཡིག་སྦྱོང་། བོད་ཡིག་སྦྱོང་། ཨིཨུ་ཨེ་ཨོ་དབྱངས་བཞི་ཡིན། ད་ས་གཉིས་ནི་ཡང་འཇུག་ཡིན། རྗེས་འཇུག་མིང་གཞི་ཀུན་ལ་འཇུག། བོད་ཡིག་སྦྱོང་། བོད་ཡིག་སྦྱོང་། མིང་གཞི་རྐྱང་བ་འཕུལ་ཅན་ལ། འ་མཐའ་ངེས་པར་ཐོབ་པ་ཡིན། དབྱངས་ལྡན་མགོ་དང་འདོགས་ཅན་ལ། ཡང་འཇུག་ད་ནི་ན་ར་ལ། ས་ནི་ག་ང་བ་མ་བཞི། ར་ལ་ས་ཡི་མགོ་ཅན་དང་། ཡ་ར་ལ་ཝའི་འདོགས་ཅན་བཅས། ར་མགོ་བཅུ་གཉིས་ལ་མགོ་བཅུ། ས་མགོ་བཅུ་གཅིག་ཡ་བཏགས་བདུན། ར་བཏགས་བཅུ་གཅིག་ལ་བཏགས་དྲུག། ཝ་ཟུར་ཅན་ནི་བཅུ་གཉིས་སོ། བོད་པ་ཚང།། ན་ཟླ་ཚོ། ང་ཡི་བོད་རིགས་སྤུན་ཟླ་ཚོའི། རང་སྐད་རང་གིས་མ་ཤེས་ན། ངོ་ཚ་རེད། ངོ་ཚ་རེད། ཡ་ཡ་ཡ་ན་ཟླ་ཚོ། མ་འདུག་མ་ཡུམ་སློབ་གྲྭ་འགྲིམས། རིན་ཆེན་ཀ་ཁ་སློབ་ཏུ་འགྲོ བོད་ཡིག་སྦྱོང་། བོད་ཡིག་སྦྱོང་། བོད་པ་ཚང།། ན་ཟླ་ཚོ། ང་ཡི་བོད་རིགས་སྤུན་ཟླ་ཚོའི། རང་སྐད་རང་གིས་མ་ཤེས་ན། ངོ་ཚ་རེད། ངོ་ཚ་རེད། ཡ་ཡ་ཡ་ན་ཟླ་ཚོ། མ་འདུག་མ་ཡུམ་སློབ་གྲྭ་འགྲིམས། རིན་ཆེན་ཀ་ཁ་སློབ་ཏུ་འགྲོ བོད་ཡིག་སྦྱོང་། བོད་ཡིག་སྦྱོང་། 学藏文 学藏文 朋友们我们一起来学习藏文吧! 不要忘了自己的母语 藏文有三十个字母的用法辅音, 藏文的拼法, 读法