作词 : 理塘降央 作曲 : 根呷 མེ་ཏོག ཚིག  བློ་འཇམ་དབྱངས། དབྱངས།  ཀུན་དགའ། ཡིག་བསྒྱུར་བ།  མི་དབང་མགོན་པོ། ལེན་མཁན།  ཚེ་དབང་ལྷ་མོ། གངས་དཀར་རི་བོའི་ཁ་དོག་མཛེས་པ་འདི། གངས་ལྷ་མེ་ཏོག་བཀའ་དྲིན་ལོས་ཡིན་ཏེ ། གངས་རི་མེད་པའི་གངས་ལྷ་མེ་ཏོག་དེ། མེ་ཏོག་ཅི་འདྲ་མཛེས་ཀྱང་མཛེས་མི་མཐོང་། རྩ་ཐང་ཡངས་པོའི་ཁ་དོག་མཛེས་པ་འདི། མེ་ཏོག་སེར་ཆེན་བཀའ་དྲིན་ལོས་ཡིན་ཏེ། རྩ་ཐང་མེད་པའི་མེ་ཏོག་སེར་ཆེན་དེ། མེ་ཏོག་ཅི་འདྲ་མཛེས་ཀྱང་མཛེས་མི་མཐོང་། ཨོ་་་་་་་་་ང་ཡི་མེ་ཏོག་་་་་་་ང་ཡི་མེ་ཏོག་མཛེས། སྤང་ལྗོངས་སྔོན་མོའི་ཁ་དོག་མཛེས་པ་འདི། ཨུད་པལ་མེ་ཏོག་བཀའ་དྲིན་ལོས་ཡིན་ཏེ། སྤང་ལྗོངས་མེད་པའི་ཨུད་པལ་མེ་ཏོག་དེ། མེ་ཏོག་ཅི་འདྲ་མཛེས་ཀྱང་མཛེས་མི་མཐོང་། ཨོ་་་་་་་་་ང་ཡི་མེ་ཏོག་་་་་་་ང་ཡི་མེ་ཏོག་མཛེས།