词:文毛代青 曲:智王桑珠 དབྱངས། གྲུ་བ་བསམ་འགྲུབ། ཚིག དབང་མོ་བདེ་ཆེན། ཡར་བལྟས་ན་རི་ཞིག་རིག་ནོ་གན། ། རི་མཐོན་པོ་བརྩེ་བའི་བྲག་རི་རེད། ། ཁྱོད་འུ་གཉིས་ལག་བརྡང་བསྒྲིལ་ས་རེད། ། རི་དེ་ཡི་དབུ་འཕངས་མཐོ་བར་ཤོག ། མར་བལྟས་ན་མཚོ་ཞིག་རིག་ནོ་གན། ། མཚོ་ཟབ་མོ་དུང་བའི་མཚོ་མོ་རེད། ། ཁྱོད་འུ་གཉིས་སྙིང་གཏམ་བཤད་ས་རེད། ། མཚོ་དེ་ཡི་གཏིང་མཐའ་ཟབ་པར་ཤོག ། ཕར་བལྟས་ན་ཐང་ཞིག་རིག་ནོ་གན། ། ཐང་ཡངས་བོ་དགའ་བའི་སྤང་ཐང་རེད། ། ཁྱོད་འུ་གཉིས་རྩེད་འཇོ་རོལ་ས་རེད། ། ཐང་དེ་ཡི་གཞི་རྒྱ་ཡངས་བར་ཤོག ། 望见的那座大山 坚定着爱的峻岭 我俩牵手的山峦 愿高山巍峨挺拔 看见的那片湖泊 宁静着爱的碧波 我俩相恋的心泉 愿圣湖时时清澈 来过的那片草原 幸福着爱的花季 我俩幽会的乐园 愿草原广袤无垠