作词 : 多杰扎西 作曲 : 多杰扎西 ཞོགས་པའི་རྩལ་སྦྱང་དྲན་ན་ཧ་ཅང་སུན། འཛིན་གྲྭའི་སྐར་མ་བསམ་ནས་འགྲོ་དགོས་བྱུང་། ནངས་ཚོགས་སྐབས་ལ་རྨི་ལམ་གྱི་རྗེས་སྐྱོང་འདོད། མཉམ་དུ་ཁ་འདོན་བཏོན་ན་རྣམ་རིག་གསལ། སློབ་ཐུན་བཞི་བ་སྡུག་ཆེས་ཆེ་དུས་ཡིན། ཐོབ་པའི་ཟ་མ་སུ་མགྱོགས་ཞིམ་པས་ཡིན། སྐབས་དེར་ཉམས་ཆེར་མ་བཞག་པ་མང་ནའང་། སྐབས་འདིར་ཚང་གཅིག་ནས་བྲལ་བའི་ཁྱེད་ཅག་དྲན། ལས་ཀྱི་ཟློས་གར་   འཁྲབ་གཞུང་རྩོམ་མཁན་དེ་ཁྱོད་མིན་ལ་ང་ཡང་མིན། མི་ཚེར་སྣོལ་ཚེག་   རྗེས་ཕྱོགས་ཡོད་མེད་ཁྱོད་ཀྱིས་མི་ཤེས་ངས་ཀྱང་ངོ་།། ཉིན་ཞིག་ལམ་ཁར་ཕྲད་དུས་  ང་ཡིས་ཁྱེད་ལ་ལྷད་མེད་འཛུམ་གྱིས་བསུ། ཁ་བརྡ་ཅུང་ཙམ་བྱེད།  འཚོ་བར་བརྩོན་དགོས་ལ་མཛའ་བཤེས་ཀྱང་སྲུང་ན་འདོད། རྩི་གསར་མ་གཏོགས་སློབ་ཁང་སྔར་བཞིན་རེད། གཞོན་ནུ་ཕོ་མོའི་དགོད་སྒྲ་ཆ་མེད་རེད། དཔེ་ཀློག་སྐྱོར་སྦྱོང་བྱེད་སའི་སྡོང་གསེང་དེར། སེ་གོལ་ཐལ་མོ་རྡེབ་རོགས་རྣམས་སྐུ་བདེའམ། འདུན་པའི་ཆེད་དུ་ཀུན་ལྟར་ཕྱོགས་བཞིར་ཆས། ས་མཐར་དགའ་སྐྱོ་གང་རུང་གི་གཏམ་རྒྱུད་མཆིས། ནམ་ཞིག་ཕྲད་དུས་སོ་སོའི་མཚར་གཏམ་བརྗེ། གོ་སྐབས་འགྲིག་ན་མཉམ་དུ་བཟི་ཡང་ཆོག ལས་ཀྱི་ཟློས་གར་   འཁྲབ་གཞུང་རྩོམ་མཁན་དེ་ཁྱོད་མིན་ལ་ང་ཡང་མིན། མི་ཚེར་སྣོལ་ཚེག་   རྗེས་ཕྱོགས་ཡོད་མེད་ཁྱོད་ཀྱིས་མི་ཤེས་ངས་ཀྱང་ངོ་།། ཉིན་ཞིག་ལམ་ཁར་ཕྲད་དུས་  ང་ཡིས་ཁྱེད་ལ་ལྷད་མེད་འཛུམ་གྱིས་བསུ། ཁ་བརྡ་ཅུང་ཙམ་བྱེད།  འཚོ་བར་བརྩོན་དགོས་ལ་མཛའ་བཤེས་ཀྱང་སྲུང་ན་འདོད། ལས་ཀྱི་ཟློས་གར་   འཁྲབ་གཞུང་རྩོམ་མཁན་དེ་ཁྱོད་མིན་ལ་ང་ཡང་མིན། མི་ཚེར་སྣོལ་ཚེག་   རྗེས་ཕྱོགས་ཡོད་མེད་ཁྱོད་ཀྱིས་མི་ཤེས་ངས་ཀྱང་ངོ་།། ཉིན་ཞིག་ལམ་ཁར་ཕྲད་དུས་  ང་ཡིས་ཁྱེད་ལ་ལྷད་མེད་འཛུམ་གྱིས་བསུ། ཁ་བརྡ་ཅུང་ཙམ་བྱེད།  འཚོ་བར་བརྩོན་དགོས་ལ་མཛའ་བཤེས་ཀྱང་སྲུང་ན་འདོད། ཆབ་ཆ་གྲོང་ལ་ཡོང་ན་ང་ལ་ཅིག་ཤོད། ཆོས་རྗེ་ཡུལ་ཚོར་ཉུལ་ན་ང་ལ་ཅིག་ཤོད། ལན་རེར་འཛོམས་ན་བསམ་ན་ང་ལ་ཅིག་ཤོད། ཁོམ་དུས་འུ་སྒོར་ཤོག་ལ་ཞག་གི་སྡོད། ཆབ་ཆ་གྲོང་ལ་ཡོང་ན་ང་ལ་ཅིག་ཤོད། ཆོས་རྗེ་ཡུལ་ཚོར་ཉུལ་ན་ང་ལ་ཅིག་ཤོད། ལན་རེར་འཛོམས་ན་བསམ་ན་ང་ལ་ཅིག་ཤོད། ཁོམ་དུས་འུ་སྒོར་ཤོག་ལ་ཞག་གི་སྡོད།