作词 : 东日慕塔 作曲 : 丹巴达杰 འབྲོག་རུའི་བུ་མོ། གཞས་ཚིག ལྡོང་རུ་རྨུ་ཐག གཞས་གདངས། རྡོ་བསྟན་པ་དར་རྒྱས། གཞས་མ། དངོས་གྲུབ་སྒྲོལ་མ། 汉语歌词大意: 藏家姑娘在牧区 在美丽的山脚下 伴随成群的牛羊 欢乐无穷 藏家姑娘身处牛圈 圈中牛粪满地 勤于挤牛奶 乐此不疲 藏家姑娘在牧区 生于美丽的部落 长于黑帐篷 乐于传承祖先的习俗 ང་འབྲོག་རུའི་བུ་མོ་འབྲོག་ན་ཡོད།། འབྲོག་རྫ་རི་སྨུག་པོའི་འདབས་ན་ཡོད།། རྟ་ནོར་ལུག་མང་པོའི་རྗེས་ན་ཡོད།། རྟ་ནོར་ལུག་འཚོ་བཞིན་སེམས་པ་སྐྱིད།། ང་འབྲོག་རུའི་བུ་མོ་ལྷས་ན་ཡོད།། ལྷས་གྲུ་བཞིའི་ལྕི་འདམ་ཁྲོད་ན་ཡོད།། གཡང་དགོ་དགོ་འབྲི་མོ་འཇོ་བཞིན་ཡོད།། མར་ཆུར་བ་གསོག་བཞིན་སེམས་པ་སྐྱིད།། ང་འབྲོག་རུའི་བུ་མོ་འབྲོག་ན་ཡོད།། འབྲོག་ཁ་ཞེང་ཆེ་སའི་སྡེ་ན་ཡོད།། འབྲོག་སྨུག་པོ་སྦྲ་ཡི་ནང་ན་ཡོད།། སྲོལ་ཆ་ལུགས་སྲུང་བཞིན་སེམས་པ་སྐྱིད།།