作词 : 岗日达瓦 作曲 : 岗日达瓦 གསར་ཡག་ཅན་པོ་ང་ར་མ་རེད། རྒྱུ་ཆེན་ཅན་པོ་ཡང་ང་ར་མ་རེད། དབང་ཆེན་ཅན་པོ་ང་ར་མ་རེད། ཁྱེད་ཀྱིས་ང་ལ་ཧབ་ཆ་མ་བྱེད་རོགས། འཇོན་ཐང་ཅན་པོ་ང་ར་མ་རེད། བློ་རིག་ཅན་པོ་ར་ང་ར་མ་རེད། མི་ཚེ་ཀྱག་ཀྱོག་ལམ་བུ་འདི་ནས། གོམ་པ་གང་རེ་གང་རེ་སྤོ་བཞིན་གདའ། ད་ཆོག་གི། མདུན་བསྐྱོད་གོམ་པ་ལྗིད་གི་མ་ཟེར། དེ་འདྲའི་སླ་མོ་ག་ལ་ཡིན། མི་ལ་བརྩོན་འགྲུས་ལྡན་ན། འཇིག་རྟེན་འདི་ན་དཀའ་བ་མེད། སྤོབས་པ་སྩོལ་རོགས། རང་གིས་རང་ལ་ཡིད་ཆེས་གནངས་རོགས་ཞུ། འཆར་ཡན་ཅན་པོ་ང་ར་མ་རེད། ཞི་འཇམ་ཅན་པོ་ང་ར་མ་རེད། ཁ་ཡག་ངོ་དགའ་ཅན་པོ་མི་ཤེས། ཁྱེད་ཀྱི་ང་ལ་འཁང་ར་མ་བྱེད་རོགས། ཡོན་ཏན་ཅན་པོ་ང་ར་མ་རེད། ནུས་པ་ཅན་པོ་ར་ང་ར་མ་རེད། གང་ལྟར་དཀའ་སྤྱད་འབད་འརྩོན་བྱས་ནས། གོམ་པ་གང་རེ་གང་རེ་སྤོ་བཞིན་གདའ། ད་ཆོག་གི། ཁེར་རྐྱང་འཚོ་བ་སྡུག་གི་མ་ཟེར། ང་ལ་ཆ་རྒྱུས་ག་འདྲ་ཡོད། ཁ་ཕོ་ཆེ་གི་ཟེར་གི་མ་འདུག། སྐྱག་ལབ་ཁྱེས་ར་མ་རྒྱག་རོགས། དགོངས་པ་མ་འཚོམས། རང་ཉིད་རང་གི་ཚོར་བ་བསྟུན་ནས་འགྲོ།​ ཐོལ་ཤེས་ཅན་པོ་ང་ར་མ་རེད། སྐད་ངག་ཅན་པོ་ང་ར་མ་རེད། ཕུགས་བསམ་སྟོང་བ་ཞིག་གི་ཆེད་དུ། གལ་སྲིད་ནམ་ཞིག་མངོན་འགྱུར་བྱེད་བསམ། ད་ཆོག་གི། མདུན་བསྐྱོད་གོམ་པ་ལྗིད་གི་མ་ཟེར། དེ་འདྲའི་སླ་མོ་ག་ལ་ཡིན། མི་ལ་བརྩོན་འགྲུས་ལྡན་ན། འཇིག་རྟེན་འདི་ན་དཀའ་བ་མེད། སྤོབས་པ་སྩོལ་རོགས། རང་གིས་རང་ལ་ཡིད་ཆེས་གནངས་རོགས་ཞུ། ད་ཆོག་གི། མདུན་བསྐྱོད་གོམ་པ་ལྗིད་གི་མ་ཟེར། དེ་འདྲའི་སླ་མོ་ག་ལ་ཡིན། མི་ལ་བརྩོན་འགྲུས་ལྡན་ན། འཇིག་རྟེན་འདི་ན་དཀའ་བ་མེད། སྤོབས་པ་སྩོལ་རོགས། རང་གིས་རང་ལ་ཡིད་ཆེས་གནངས་རོགས་ཞུ།