作词 : 扎西拉桑 作曲 : 东求 ཕ་མ། ཚིག བཀྲ་ཤིས་ལྷ་སྲུང། དབྱངས དོན་ཆོས། གཞས་པ རྡོ་རྗེ་ཆོས་སྐྱབས། ཨ་ཕ——དྲིན་གྱི་ལྗིད་ཚད་རི་ལས་མཐོ་ཞིང་ཆུ་ལྟར་རིང་། སེམས་ཀྱི་བརྩེ་བ་མཚོ་ལས་ཟབ་ཅིང་དུང་ལྟར་དཀར། མི་ཚེ་ཉམས་མྱོང་སླབ་བྱ་གནང་ཅིང་གནས་ལུགས་འཆད། པྲ་ཚག་བྱས་ཀྱང་ཐུགས་སྣང་མི་སུན་སྒོམ་བསྲན་ཅན། ཨ་ཕ—རླབས་ཆེན་གྱི་མི་བུ། མི་ཡུལ་གྱི་ཉི་མ། ཁྱེད་ནི་བུ་ངའི་ཕུག་བསམ་བསྙེགས་པའི་གཤོག་ཟུང་ཡིན། ཨ་མ——རང་ལུས་ན་ཚ་སྡུག་བསྔལ་མ་བསམ་མི་ལུས་བྱིན། ནུ་འོ་དྲོན་མོས་བཅུད་ཀྱིས་གསོས་ཏེ་ལང་ཚོ་སྨིན། འཛུམ་གྱིས་འཚོས་ཅིང་བྱམས་ཀྱིས་སྐྱོང་བའི་དྲིན་ཆེན་མ། ཅི་བྱས་ལས་ལ་འཁོན་ར་མེད་པའི་ཡ་རབས་མཆོག ཨ་མ—དྲིན་ཆེན་གྱི་མ་ཡུམ། བྱམས་བརྩེ་ཡི་བདག་ཉིད། ཁྱེད་ནི་བུ་ངའི་འཚོ་བའི་ཁྲོད་ཀྱི་བདེ་སྐྱིད་ཡིན། 恩如山重如水长 情如海深如白螺 为我传授生活道 纵我顽皮爱不厌 阿爸 伟大的人,人间的太阳 , 您是我理想的希翼! 不顾病痛困苦赐我身 甘甜乳汁哺育我成人 真情慈爱养我之母亲 多苦也不抱怨命运苦 阿妈 慈祥的人,慈爱的化身 , 您是我生活的美好!