作词 : 扎西拉桑 作曲 : 东求 གཤིས་བཟང་འབྲོག་མོ། ཚིག བཀྲ་ཤིསལྷ་སྲུང། དབྱངས དོན་ཆོས། གཞས་པ དཔལ་ཆེན་བློ་རྣམ་ཚེ་རིང་། ཞོགས་པའི་སྐྱ་རེངས་གསལ་དུས།། 黎明升起的时候, བཞོ་ཟོའི་ལག་ལ་ཐོག་ནས།། 端着挤奶桶的人儿, དགོ་དགོ་དབྱངས་ལ་འགུག་པའི།། 轻唱着牧曲的姑娘, གཤིས་བཟང་འབྲོག་པའི་བུ་མོ།། 那是善良的牧女。 སྤང་ལྗོངས་ནེའུ་གསེང་ཚལ་ན།། 在那绿色的草地上, གཡང་དཀར་ལུག་ཁྱུ་མཚོ་བཞིན།། 赶着羊群的女孩, བརྩེ་སེམས་མེ་ཏོག་འཐུ་བའི།། 伴着花儿成长, གཤིས་བཟང་འབྲོག་པའི་བུ་མོ།། 那是善良的牧女。 གནག་སྣུམ་སྐྲ་ཡིས་ལན་བུ།། 扎着黑色的辫子, བསིལ་འཇམ་རླུང་གིས་གཡོ་བཞིན།། 微风吹动的头发, ཟུར་མིག་ལྡེམ་འགྲོས་ངོམས་པའི།། 烙印在心头的眼神, གཤིས་བཟང་འབྲོག་པའི་བུ་མོ།། 那是善良的牧女。 འཁྲེང་སེམས་ཕྱིར་མིག་ཁྲོད་ནས།། 执着奔腾的回头, ལག་པས་ཐོད་ལ་བསྐྱོར་ཞིང་།། 双手覆盖着额头, དུངས་ཞེན་འཛུམ་གྱིས་བསུ་བའི།། 迎面而来的慈目, གཤིས་བཟང་འབྲོག་པའི་བུ་མོ།། 那是善良的牧女。 ངང་རྒྱུད་བལ་ལས་འཇམ་ཞིང་།། 性格温柔于羊毛, སེམས་རྒྱུད་མདའ་ལྟར་དྲང་བ།། 人品直率于箭条 ཡ་རབས་གཞུང་དྲང་ཅན་གྱི།། 厚德正义的人儿 གཤིས་བཟང་འབྲོག་པའི་བུ་མོ།། 那是善良的牧女 དཀར་དམར་ལང་ཚོས་མཛེས་ཤིང་།། 散发迷人的姑娘 བརྩེ་དུངས་ཤེལ་དཀར་དྭངས་མ 相爱纯于净水般 འགྱུར་མེད་ཕྱི་ཐག་རིང་བའི།། 永恒不变的诺言 གཤིས་བཟང་འབྲོག་པའི་བུ་མོ།།