作词 : 扎西拉桑 作曲 : 东求 གངས་ཀྱི་ཞིང་ཁམས། ཚིག བཀྲ་ཤིས་ལྷ་སྲུང། དབྱངས དོན་ཆོས། གཞས་པ ཧ་ཤུལ་རྡོ་རྗེ་དགྲ་འདུལ་། རི་མཐོ་གསུམ་གངས་རྫ་གཉིས་ཀྱིས་བཟུང་། 白雪峻岩占据三山之巅 ཆུ་དྭངས་བསིལ་ཡན་ལག་བརྒྱད་ལྡན་འབབ། 清澈溪水分八支而流 ཐང་ཡངས་མོ་མེ་ཏོག་སྣ་བརྒྱས་རྒྱན། 百花齐放装饰辽阔草原 སྦྲ་མཐིང་སྨུག་དར་གྱི་ཤོམ་ལྭ་ཅན། 黑色帐篷身披旗帜礼服 རྟ་ནོར་ལུག་གསུམ་གྱིས་མཐའ་ནས་རྒྱན། 马牛羊群缀边际 ངའི་ཕ་ཡུལ་གངས་ཀྱི་ཞིང་ཁམས་རེད། 我故乡是雪的天堂 ལས་རྒྱུ་འབྲས་སྲུང་བའི་བོད་མི་རྣམས། 相信因果的藏族人 ནང་དམ་ཚིག་གཙང་མའི་མཐུན་སྒྲིལ་ཟབ། 于内团结一致 རུས་ཤ་ཞེན་འདང་པ་ཀུན་ལ་ཆེ། 于外热情友好 དཔལ་ལུགས་གཉིས་ཉི་ཟླ་ཟུང་འབྲེལ་ཅན། 叹两制如日月相依 བོད་ཆོས་སྲིད་གཉིས་ཀྱི་རྒྱལ་མཚན་བསྒྲེང་། 吐蕃政教展幢幡 ངའི་ཕ་ཡུལ་གངས་ཀྱི་ཞིང་ཁམས་རེད། 我故乡是雪的天堂 དགོན་ལྷ་ཁང་རྒྱ་ཕིབས་གསེར་འོད་འཕྲོ། 寺宇庙房闪着金色 གནས་བཅུ་ཕྲག་རིག་པའི་པོ་ཏུ་བརྩིགས 十大明书高高磊起 རྟེན་བྱིན་ཅན་གསེར་དངུལ་བཞེངས་པ་སོགས། ཆོས་མདོ་སྔགས་བསྟན་པའི་ཉི་མ་ཤར། 显密之光照耀世间 གཞན་འཚེ་མེད་ཞི་བདེ་ལྟ་བ་བསྐྱོངས། 多行利他尚和平 ངའི་ཕ་ཡུལ་གངས་ཀྱི་ཞིང་ཁམས་རེད། 我故乡是雪的天堂