作词 : 嘎代才让 作曲 : 班俊龙珠 编曲:胡晓流 ཕྱི་ཡི་ལྕགས་རི་བརྟོལ་མེད།། ནང་གི་ནོར་བུ་རྙིང་མེད།། མེས་པོའི་རྫོང་ཁག་བཅོ་བརྒྱད།། སེམས་ཀྱི་རྟིང་ལ་བཞེངས་ཡོད།། གསེར་གྱི་བུམ་པའི་ནང་ལ།། ནས་ཆང་སྔོན་མོ་འཁྱིལ་ཡོད།། ཆང་འདི་ལས་ཀྱི་གསོལ་ཆང་། གཞས་འདི་སེམས་ཀྱི་གཞས་ཆུང་།། རྒྱལ་མོ་ཚ་བ་རོང་པ།། སྨུག་པོ་བོད་པའི་རྒྱུད་རེད།། གཙང་པོའི་གཞུང་ལ་མདུད་པའི།། དམར་ཆུང་སྲོག་གི་ས་བོན།། མེས་པོའི་གསལ་བྱེད་སུམ་ཅུ།། སེམས་ཀྱི་རྟིང་ལ་ཉར་ཡོད།། དཀར་ཡོལ་འབྲུག་མའི་ནང་ལ།། འོ་ཇ་དཀར་པོ་འཁྱིལ་ཡོད། ཇ་འདི་ལས་ཀྱི་གསོལ་ཇ།། གཞས་འདི་སེམས་ཀྱི་གཞས་ཆུང་།། རྒྱལ་མོ་ཚ་བ་རོང་པ།། སྨུག་པོ་བོད་པའི་རྒྱུད་རེད།། སྨུག་པའི་ན་བཟའ་རལ་མེད།། ལྗོན་པའི་རྣ་རྒྱན་བོར་མེད།། མེས་པོའི་རྒྱུད་ཀྱི་བུ་མོ།། སེམས་ཀྱི་རྟིང་ལ་སྦས་ཡོད།། བརྩེ་སེམས་ལག་གདངས་སྦྲེལ་བའི།། རི་བོའི་སྙིང་གི་མཚོ་མོ།། མཚོ་འདི་ལས་ཀྱི་མཚོ་མོ།། གཞས་འདི་སེམས་ཀྱི་གཞས་ཆུང་།། རྒྱལ་མོ་ཚ་བ་རོང་པ།། སྨུག་པོ་བོད་པའི་རྒྱུད་རེད།། རྒྱལ་མོ་ཚ་བ་རོང་པ།། སྨུག་པོ་བོད་པའི་རྒྱུད་རེད།།