作词 : 达尼曲扎 作曲 : 南木卡 ངའི་མིང་ལ་ཀ་ཁ་ག་ང་ཟེར། ཚིག  ཏཱ་ནི་ཆོས་གྲགས་ཀྱི་ཚིག ཉི་མའི་བུ་རྒྱུད་ཀྱི་དབྱངས། ནམ་མཁས་བླངས། ངའི་མིང་ལ་ཀ་ཁ་ག་ང་ཟེར།། ང་ཀ་ཁ་བསམ་པའི་དོན་གྲུབ་ཡིན།། ཁྱེད་ཀ་ཁ་སློབ་དང་རྒྱལ་ཁ་ཡོད།། ང་ཀ་ཁ་ཡིད་བཞིན་ནོར་བུ་ཡིན།། ང་ཀ་ཁ་གངས་ཅན་གཅེས་ནོར་ཡིན།། ང་ཀ་ཁ་ཡ་ཐོད་མིག་ཟུང་འདྲ།། མིག་ཁྲ་རིལ་བཞིན་དུ་བདག་སྐྱོང་བྱོས།། མིག་མེད་ན་མི་ལུས་ཕྱེད་ཀ་རེད།། ང་ཀ་ཁ་དུང་སོ་སུམ་བཅུ་ཡིན།། སོ་མེད་ན་བརྒྱད་ཅུའི་རྒན་པོ་འདྲ།། ཟས་ཞིམ་པོའི་བྲོ་བཅུད་མི་ལོན་གི། དཔེ་དེ་བཞིན་ཀ་ཁ་སྲུང་སྐྱོབ་བྱོས། སྤྱིར་འཇིག་རྟེན་མྱ་ངམ་ཐང་ཆེན་འདྲ།། ནང་སློབ་གསོ་བདུད་རྩིའི་སྐྱེམས་ཆང་འདྲ།། རང་ཀ་ཁའི་སློབ་གསོ་མ་ཉམས་ན།། ཡུལ་གངས་ཅན་དགེ་པའི་གནས་མཆོག་རེད།། -