作词 : 尼玛才仁 作曲 : 索南扎巴 གངས་ལྗོངས་ལུང་པ་ཕུ་ཡི།།བརྗིད་རྔམ་གངས་རི་དཀར་པོ།། གངས་ལ་ཉི་མ་ཤར་འདྲའི།།གངས་ལྗོངས་སྐྱེས་པའི་བླ་རི།། ཨ་་་་་་ཨ་་་་་་། གངས་ལ་ཉི་མ་ཤར་འདྲའི།།གངས་ལྗོངས་སྐྱེས་པའི་བླ་རི།། གངས་ལྗོངས་ལུང་པ་མདའ་ཡི།།དྭངས་གསལ་གཡུ་ཡི་མཚོ་མོ།། མཚོ་ལ་ཟླ་བ་ཤར་འདྲའི།།གངས་ལྗོངས་སྐྱེས་མའི་བླ་མཚོ།། ཨ་་་་་་ཨ་་་་་་། མཚོ་ལ་ཟླ་བ་ཤར་འདྲའི།།གངས་ལྗོངས་སྐྱེས་མའི་བླ་མཚོ།། གངས་ཆབ་མཚོ་རུ་བཞུར་དུས།།མཚོ་མོའི་ཉམས་མདངས་རྒྱས་བྱུང་།། མཚོ་མཐའི་སྤང་རྒྱན་མེ་ཏོག།མཚོ་མོའི་ཡིད་སེམས་དཀར་པོ།། ཨ་་་་་་ཨ་་་་་་། མཚོ་མཐའི་སྤང་རྒྱན་མེ་ཏོག།མཚོ་མོའི་ཡིད་སེམས་དཀར་པོ།། མཚོ་རླངས་གངས་ལ་ཕོག་དུས།།གངས་རིའི་གཟི་མདངས་རྒྱས་སོང་། དྭངས་གཙང་ཁ་བའི་འདབ་མ།།གངས་རིའི་ལྷག་བསམ་དཀར་པོ།། ཨ་་་་་་ཨ་་་་་་། དྭངས་གཙང་ཁ་བའི་འདབ་མ།།གངས་རིའི་ལྷག་བསམ་དཀར་པོ།། གངས་རིས་མཚོ་མོར་བརྩེ་ཞིང་།།མཚོ་མོས་གངས་རིར་དུང་བ།། ཕན་ཚུན་གཉིས་མཐུན་བསམ་པ།།ཡུན་དུ་བརྟན་པའི་རྟགས་ཡིན།། ཨ་་་་་་ཨ་་་་་་། ཕན་ཚུན་གཉིས་མཐུན་བསམ་པ།།ཡུན་དུ་བརྟན་པའི་རྟགས་ཡིན།། ཨ་་་་་་ཨ་་་་་་། ཕན་ཚུན་གཉིས་མཐུན་བསམ་པ།།ཡུན་དུ་བརྟན་པའི་རྟགས་ཡིན།། ཡུན་དུ་བརྟན་པའི་རྟགས་ཡིན།།