བཀྲ་ཤིས་སྨོན་འདུན། ལེན་མཁན།ཤེར་བསྟན། སྒྲིག་པ་པོ།བློ་བཟང་ཚེ་རིང་། གསེར་གྱི་ལེ་ཉི་མ་ཤར་འདྲ་བོ། དཔེར་བཞག་ན་རྩ་བའི་བླ་མ་རེད། གསེར་གྱི་ལེ་ཉི་མ་ཤར་འདྲ་བོ། དཔེར་བཞག་ན་རྩ་བའི་བླ་མ་རེད། སྐུ་གསེར་གྱི་ཉི་མ་ཤར་འདྲ་རེད། གསུང་སྙན་མོ་རྣ་བར་རང་འགྲུབ་རེད། སྐུ་གསེར་གྱི་ཉི་མ་ཤར་འདྲ་རེད། གསུང་སྙན་མོ་རྣ་བར་རང་འགྲུབ་རེད། ཁོང་སྐུ་ཚེ་བརྟན་པའི་བཀྲ་ཤིས་ཤོག དཀར་ལམ་མེ་དུང་ཟླ་ཤར་འདྲ་བོ། དཔེར་བཞག་ན་བྱམས་ལྡན་ཕ་མ་རེད། དཀར་ལམ་མེ་དུང་ཟླ་ཤར་འདྲ་བོ། དཔེར་བཞག་ན་བྱམས་ལྡན་ཕ་མ་རེད། ཞལ་འཛུམ་དཀར་ཟླ་བ་ཤར་འདྲ་རེད། ཚིག་སྙན་མོ་རྣ་བར་རང་འགྲུབ་རེད། ཞལ་འཛུམ་དཀར་ཟླ་བ་ཤར་འདྲ་རེད། ཚིག་སྙན་མོ་རྣ་བར་རང་འགྲུབ་རེད། ཚེ་བསོད་ནམས་རྒྱས་པའི་བཀྲ་ཤིས་ཤོག འོད་ལམ་མེ་འཇའ་གུར་ཕུབ་འདྲ་བོ། དཔེར་བཞག་ན་སློབ་དཔོན་དམ་པ་རེད། འོད་ལམ་མེ་འཇའ་གུར་ཕུབ་འདྲ་བོ། དཔེར་བཞག་ན་སློབ་དཔོན་དམ་པ་རེད། ཤེས་ཡོན་ཏན་མཚོ་མོ་རང་འཁྱིལ་རེད། ནང་སློབ་བུ་སྟོང་གི་རྒྱན་ཆ་རེད། ཤེས་ཡོན་ཏན་མཚོ་མོ་རང་འཁྱིལ་རེད། ནང་སློབ་བུ་སྟོང་གི་རྒྱན་ཆ་རེད། མཚན་སྙན་གྲགས་རྒྱས་པའི་བཀྲ་ཤིས་ཤོག ཁྲ་ཆིལ་ལེ་སྐར་ཚོགས་ཤར་འདྲ་བོ། དཔེར་བཞག་ན་བོད་རིགས་སྤུན་ཟླ་རེད། ཁྲ་ཆིལ་ལེ་སྐར་ཚོགས་ཤར་འདྲ་བོ། དཔེར་བཞག་ན་བོད་རིགས་སྤུན་ཟླ་རེད། བློ་རིག་པ་སྐར་ཚོགས་ཤར་འདྲ་རེད། ནང་མཐུན་སྒྲིལ་འོད་མདངས་རང་འགྲུབ་རེད། བློ་རིག་པ་སྐར་ཚོགས་ཤར་འདྲ་རེད། ནང་མཐུན་སྒྲིལ་འོད་མདངས་རང་འགྲུབ་རེད། ལས་བསམ་དོན་འགྲུབ་པའི་བཀྲ་ཤིས་ཤོག སྒྲིག་པ་པོ།བློ་བཟང་ཚེ་རིང་།