作曲 : 格桑旺久 作词 : 白玛旦增 རྒྱ་ཆེ་བའི་གནམ་མཐོང་གི་ཐང་དཀར་རྒོད་པོ་ཁོང་། གྲང་རླུང་གདོང་གི་བསུས་ནས་གཤོག་རྩལ་སྦྱང་གིས། དཀའ་ངལ་ལ་མི་སྐྲག དེ་ནི་ཕུགས་བསམ་གྱི་ཉམས་འགྱུར། དུས་སྟེང་གི་སྤྱི་ཚོགས་འགྲན་རྩོད་ཆེན་མོ་རེད། དེར་བརྟེན་ང་ཡི་གླུ་གཞས་དེ་ལ་གསན།གྲོགས་པོ་ལགས། རང་གི་ཕུགས་བསམ་ཆེད་དུ།འབད་བརྩོན་ལྷོད་མེད་བྱོས། འོ་་་་་་གཞོན་ནུ་ཚོ། ཕུགས་བསམ་དགོས། རང་ལ་ཕུགས་བསམ་ཡོད་ན་ཀུན་གྱིས་གོང་དུ་བཀུར། འོ་་་་་་་་ཕུགས་བསམ་ཆེད་འབད་བརྩོན་བྱོས། མ་འོངས་ལག་ཏུ་བཟུང་། ཕུགས་བསམ་སྟོང་བསམ་དང་རྨི་ལམ་རེད་མ་བསམ། ༢ དྲི་ཞིམ་གྱི་མེ་ཏོག་ཕྲོད་དུ་བུང་བ་ཁོང་། ཉེན་ཁ་སེམས་ནས་བསམ་ཡང་སྦྲང་རྩེ་གསོག་གིས། དཀའ་ངལ་ལ་མི་སྐྲག། འདི་ནི་ཕུགས་བསམ་གྱི་ཉམས་འགྱུར། དུས་དེང་གི་སྤྱི་ཚོགས་འགྲན་རྩོད་ཆེན་མོ་རེད། དེར་བརྟེན་ང་ཡི་གླུ་གཞས་དེ་ལ་གསན།གྲོགས་པོ་ལགས། རང་གི་ཕུགས་བསམ་ཆེད་དུ་འབད་བརྩོན་ལྷོད་མེད་བྱོས། འོ་་་་་་གཞོན་ནུ་ཚོ། ཕུགས་བསམ་དགོས། རང་ལ་ཕུགས་བསམ་ཡོད་ན་ཀུན་གྱིས་གོང་དུ་བཀུར། འོ་་་་་་ཕུགས་བསམ་ཆེད་འབད་བརྩོན་བྱོས། མ་འོངས་ལག་ཏུ་བཟུང་། ཕུགས་བསམ་སྟོང་བསམ་དང་རྨི་ལམ་རེད་མ་བསམ། ༣ ལེ་ལོའི་ཕྱིང་ཞྭ་མར་ལ་ཕུད། བརྩོན་པའི་ལ་བ་ལུས་ལ་གྱོན། ཤུགས་རྒྱབ་ཤོག ཕུགས་བསམ་དེ་ཡི་ཆེད། འདི་ནི་ང་ཡི་བཤད་པའི་སེམས་སྟེང་གི་སྐད་ཆ་ཡིན།