作曲 : 卫藏民歌 作词 : 卫藏民歌 ༼འཁྲུངས་ས།༽ 诞生之地 ࿇࿇࿇ བསོ་་་་་་ 嗦 ༡ཐང་དཀར་རྒོད་པོའི་འཁྲུངས་ས། 秃鹰诞生之地 ས་ལ་རྒྱ་གར་ཤར་རེད།། 是那印度东部 ས་ལ་རྒྱ་གར་བཞག་ནས། 抛下故土印度 བྲག་སྟོད་འགྲིམས་དགོས་བྱུང་སོང།། 穿梭高岗崖间 བསོ།་་་་་་ 嗦 བྲག་སྟོད་འགྲིམས་དགོས་བྱུང་པ། 穿梭高岗崖间 སྐུ་ཚེ་སྔོན་མའི་ལས་རེད། 是前世种的因 ཚེ་ལ་བར་ཆད་མེད་པ།། 愿此生无灾祸 དཀོན་མཆོག་གསུམ་པོས་མཁྱེན་ནོ། 圣三宝请护佑 ࿇࿇࿇ ༢ཁྱུང་དཀར་འཛོ་ཕོའི་འཁྲུངས་ས། 白鹏诞生之地 ས་ལ་ལྷས་ར་གྲུ་བཞི། 就在方形静苑 ས་ལ་ལྷས་ར་བཞག་ནས། 抛下方形静苑 རི་རྩེ་འགྲིམས་དགོས་བྱུང་སོང། 遨游巍峨山顶 བསོ་་་་་་ 嗦 རི་རྩེ་འགྲིམས་དགོས་བྱུང་པ། 遨游巍峨山顶 སྐུ་ཚེེ་སྔོན་མའི་ལས་རེད། 是前世种的因 ཚེ་ལ་བར་ཆད་མེད་པ།། 愿此生无灾祸 དཀོན་མཆོག་གསུམ་པོས་མཁྱེན་ནོ། 圣三宝请护佑 ࿇࿇࿇ ༣བུ་ཆུང་ཁྱེད་ཀྱི་འཁྲུངས་ས། 你的诞生之地 ས་ལ་ཨ་མའི་པང་རེད། 就在母亲怀里 ས་ལ་ཨ་མ་བཞག་ནས། 抛下母亲怀抱 མི་ཡུལ་འགྲིམས་དགོས་བྱུང་སོང། 徘徊滚滚红尘 བསོ་་་་་་ 嗦 མི་ཡུལ་འགྲིམས་དགོས་བྱུང་པ། 徘徊滚滚红尘 སྐུ་ཚེེ་སྔོན་མའི་ལས་རེད། 是前世种的因 ཚེ་ལ་བར་ཆད་མེད་པ།། 愿此生无灾祸 དཀོན་མཆོག་གསུམ་པོས་མཁྱེན་ནོ། 圣三宝请护佑 ཚེ་ལ་བར་ཆད་མེད་པ།། 愿此生无灾祸 དཀོན་མཆོག་གསུམ་པོས་མཁྱེན་ནོ།། 圣三宝请护佑