作曲 : 才让东珠 作词 : 岗华 ན་ཆུང་བྱིས་དུས་ཀྱི་བྱིས་ལམ་རིང་མོ། ཐུགས་ཁྲལ་གསོ་བའི་བདུད་རྩི་ཡིན་རེད། དེ་དུས་ང་ལ་ཞིབ་ཆ་མེད་ཀྱང་། སུས་ཀྱང་བསླུ་བྲིད་གཏོང་བ་མ་རེད། མི་ཚེའི་ད་ལྟ་ཡོད་ཚད་འགྱུར་བ། ཚེ་རབས་སྔོན་གྱི་བསགས་སྦྱངས་ཡིན་ནམ། མིག་མཐའི་མཆི་མ་དྲང་བདེན་ཡིན་ཡང་། བརྩེ་བའི་གནས་ལུགས་མིན་འདུག་གསུང་བྱུང་། ད་ལྟ་འདྲིས་འདྲིས་བྱས་ཀྱང་། ལྷག་བསམ་ངོ་མ་རྣམ་དག་མ་རེད། ཡིད་དབང་བསླུ་བའི་ཨ་གསར་འདི་ལ། གཏན་གྱི་འདུན་མ་ཁེལ་ས་མ་རེད། རྩྭ་ལྗང་རྩེི་ཡི་སྨུག་ཟིལ་ཕྲ་མོ། ཉི་ཟླའི་མཆི་མ་ཨེ་ཡིན་བསམ་ནས། གདུང་བའི་རླབས་ཕྲེང་བྲག་ལ་རྡེབ་དུས། མི་ཚེའི་ནམ་ཟླ་དགུན་ལ་ཉེ་འདུག དགུན་དང་འདྲ་བའི་སེམས་པར། འགྲམ་དར་ཆགས་ཀྱང་སྐྱོ་དགོས་མིན་འདུག ཡིན་ཡང་མཚོ་མོ་དར་གྱིས་བསྐྱོམས་ཚེ། ན་ཟུག་མཚོ་ཁའི་ངང་པས་བཤད་ཡོང་། ཡིན་ཡང་མཚོ་མོ་དར་གྱིས་བསྐྱོམས་ཚེ། ན་ཟུག་མཚོ་ཁའི་ངང་པས་བཤད་ཡོང་།