作曲 : 白玛桑珠 作词 : 白玛桑珠 音乐制作人:扎西才旦 ང་ཚོ་ཚང་མ་ལག་པ་ཡར་ལ་རྐྱོངས་ཤོག ང་ཚོ་ཚང་མས་གཞས་དེ་མཉམ་དུ་གཏོང་དང་། ཁ་སང་འོ་ ང་ཚོས་སོང་ཚར་བའི་ལམ་འདིར། ཧུ། དྲན་གསོ་གཅིག ང་ཚོ་ཚང་མ་ལག་པ་ཡར་ལ་རྐྱོངས་ཤོག ང་ཚོ་ཚང་མས་གཞས་དེ་མཉམ་དུ་གཏོང་དང་། སང་ཉིན་འོ་ ད་ང་ཚོས་འགྲོ་དགོས་པའི་ལམ་འདིར། ཧུ། སྨོན་ལམ་གཅིག ࿄ ࿄ ࿄ དྲན། ལོ་ངོ་དེ་དག་གི་ལམ་བུ་དྲན། ཡང་ཕྱིན་ཚར་བའི་དུས་དེ་རྣམས་དྲན། སྔར་སོང་གི་ལམ་དེར་ལོག་ཐབས་མེད། འོན་ཀྱང་འདི་ང་ཡི་སེམས་སུ་ཆགས། འབད། ལོ་ངོ་དེ་དག་གི་ལམ་བུར་འབད། ཡང་ཕུགས་བསམ་གྱི་ཆེད། སྔར་སོང་གི་ལམ་དེར་དཀའ་སྡུག་ཆེ། འོན་ཀྱང་དེར་དཀའ་སྡུག་སྤྱད་ནས་ཡོང་། ང་ཚོ་ཡི་ལོ་ངོ་ཉི་ཤུ། ཕྱིན་ཚར་བའི་ལོ་ངོ་ཉི་ཤུ། ཕུགས་བསམ་དེ་ཡི་ཆེད་དུ། ང་ཚོ་ཡི་ལོ་ངོ་ཉི་ཤུ། ཕྱིན་ཚར་བའི་ལོ་ངོ་ཉི་ཤུ། རྨི་ལམ་གྱི་ཆེད་དུ། རེ་བ་དེ་ཡི་ཆེད་དུ། ང་ཚོའི་ལོ་ངོ་ཉི་ཤུ། ང་ཚོའི་ལོ་ངོ་ཉི་ཤུ། ཧུ། ཧ་་་་་་ ཧ་་་་་་ དེ་རྨི་ལམ། དེ་རེ་བ། དེ་ཕུགས་བསམ། མ་འོངས་དེར་ཁ་ཕྱོགས། བསམ་པ་དོན་ལ་གྲུབ་པའི་ལོ་ངོ་ཉི་ཤུ། རྨི་ལམ་མངོན་དུ་གྱུར་བའི་ལོ་ངོ་ཉི་ཤུ། རེ་བ་ཐམས་ཅད་གྲུབ་པའི་ལོ་ངོ་ཉི་ཤུ། ཧུ་་་་་་་་་ དྲན། ལོ་ངོ་དེ་དག་གི་ལམ་བུ་དྲན། ཡང་ཕྱིན་ཚར་བའི་དུས་དེ་རྣམས་དྲན། སྔར་སོང་གི་ལམ་དེར་ལོག་ཐབས་མེད། འོན་ཀྱང་འདི་ང་ཡི་སེམས་སུ་ཆགས། ང་ཚོ་ཡི་ལོ་ངོ་ཉི་ཤུ། ཕྱིན་ཚར་བའི་ལོ་ངོ་ཉི་ཤུ། ཕུགས་བསམ་དེ་ཡི་ཆེད་དུ། ང་ཚོ་ཡི་ལོ་ངོ་ཉི་ཤུ། ཕྱིན་ཚར་བའི་ལོ་ངོ་ཉི་ཤུ། རྨི་ལམ་དེ་ཡི་ཆེད་དུ། རེ་བ་དེ་ཡི་ཆེད་དུ། 歌词翻译:洛桑更才