作曲 : 仁青本 作词 : 群太加/央希班玛才旦 ཚེ་གཅིག་ལུས་ལ་གྱོན་པའི།། དྲོད་འཇམ་ཚ་རུ་ཁྱོད་ཡིན།། ཚིག་གསུམ་དར་གྱི་མདུད་པ།། གོང་བའི་ནང་ནས་བཤད་ཡོད།། ཚེ་གཅིག་སེམས་ལ་ཉར་བའི།། སྙིང་གི་འོད་གོར་ཁྱོད་ཡིན།། དུང་བའི་དབུ་ཁྱུད་རིང་མོ།། ལས་ཀྱི་གཏིང་ལ་སིམ་ཡོད།། ཨོ། སྙིང་གི་ཚེ་རིང་མཚོ་མོ། བུ་ཆུང་བསམ་པའི་དོན་གྲུབ། ཨོ། ཚེ་གཅིག་ལས་ཀྱི་སྐྱ་ཡ་ཡིན། ཚེ་སྔོན་ལས་ཀྱིས་བསྐོས་པའི།། སྐྱེ་བ་འདི་ཡི་ལས་འཕྲོ།། སྟག་ཤར་ཁྱེད་ལ་གཏད་ཡོད།། ཚེ་སྔོན་ལས་ཀྱིས་སྤྲད་པའི།། དངུལ་ཞུན་དུང་ཟླ་ལྷ་མོ།། སེམས་དང་སེམས་པ་གཅིག་ཡིན། ། རྡོ་རྗེ་དམ་ཚིག་གཅིག་ཡིན། ། ཨོ། སྙིང་གི་ཚེ་རིང་མཚོ་མོ། བུ་ཆུང་བསམ་པའི་དོན་གྲུབ། ཨོ། ཚེ་གཅིག་ལས་ཀྱི་སྐྱ་ཡ་ཡིན། ཨོ། ཚེ་གཅིག་ལས