作曲 : 智王桑珠 作词 : 智王桑珠 བོད་མདོ་ཁམས་སྒང་དྲུག་གི་ཡུལ་ཕྱོགས་སུ།། བློ་རྨོངས་པ་སེལ་བའི་སྒྲོན་མེ་ཞིག། འབངས་བདེ་སྐྱིད་སྐྲུན་པའི་སེམས་ཆེན་པོ།། མགོན་ཁམས་མགྱོགས་སྤྲུལ་སྐུ་ཁྱེད་ཉིད་བཞུགས།། ཨེ་མ་ཧོ་་་་་ཨེ་མ་ཧོ། ཁམས་མགྱོགས། ང་ཡི་བླ་མ། རིན་པོ་ཆེ། སྐུ་རྣམ་པ་མདོ་ཁམས་ཡུལ་དུ་བཞད།། གསུང་ཟབ་མོའི་འཛམ་གླིང་ཆོས་ལ་བསྐུལ།། ཐུགས་ཉམ་ཐག་འགྲོ་ལ་གཟིགས་མཛད་པོ།། མགོན་རིན་འཛིན་བསོན་ནམ་རྒྱལ་མཚོ་བཞུགས།། ཨེ་མ་ཧོ་་་་་ཨེ་མ་ཧོ། རྒྱལ་སྲས། ང་ཡི་བླ་མ། རིན་པོ་ཆེ། གཞན་ཁུར་དུ་ཁྱེར་བའི་ལྷག་བསམ་ཕྱུག། དོན་ཡིན་ལུགས་དཔྱད་པའི་བློ་གྲོས་ལྡན།། ཐབས་ཟུང་དུ་འབྲེལ་བའི་མཆོག་སྤྲུལ་ཞིག། མགོན་རིན་འཛིན་བསོན་ནམ་རྒྱལ་མཚོ་བཞུགས།། ཨེ་མ་ཧོ་་་་་ཨེ་མ་ཧོ། རིན་འཛིན་བསོན་ནམ་རྒྱལ་མཚོ། རིན་པོ་ཆེ། ཨེ་མ་ཧོ་་་་་ཨེ་མ་ཧོ། རིན་འཛིན་བསོན་ནམ་རྒྱལ་མཚོ། རིན་པོ་ཆེ། RengTsing文化传媒