作词:格桑黑莲 作曲:CDY གཞས་ཚིག དགའ་ཅོ་རྟ། 作词:噶交尔达 作曲:CDY(Remix) གྱེར་འདོན་པ། བསང་གཉན་པོ། 朗诵:尕藏尖措 གཞས་པ།བནྡེ་སྐྱབས། Rapper:格桑黑莲 སྒྲ་ལེན་སྒྲིག་སྦྱོར། རང་གསུམ་སྒྱུར/ཀླུ་འབུམ་ཚེ་རིང་། 录音混音:三次方/楞本才让 ཁྱེད་ནི་ཨ་ཕས་བཤད་པའི་བྱིས་སྒྲུང་མཚར་བོ་ཞིག ཁྱེད་ནི་གཏན་དུ་བསྣུབས་པ་མེད་པའི་གཡུ་ཡི་མཚོ་ཆུང་ཞིག ཕ་ཡུལ་གྱི་པང་དུ་འཁྱིལ་བའི་ལྷ་མཚོ།། ཨ་མ་འབྲུག་མཚོ། 阿玛周措 ཁྱེད་ནི་གཏམ་རྒྱུད་ཅིག་ལས་འཁྲུངས་པའི་ས་ཆེན་གྱི་ལྷ་མཚོ་ཡིན། 诞生于一篇故事的圣湖 ཁྱེད་ནི་ལྷ་མཚོ་ཞིག་འཁྱིལ་པའི་གནམ་སྔོན་པོའི་མེ་ལོང་ཡིན། 您就像上苍的一面镜 གནའ་སྔ་མོ་སྔ་མོ་ཁྱེད་ནི་བུ་མོ་ཕལ་བ་ཞིག་ཡིན་ཟེར། 很久以前你是位美丽的姑娘 དེ་དུས་ཁྱེད་ནི་བུ་མོ་ཞིག་གི་གཟུགས་སུ་སྤྲུལ། 那时化为一个普通人家的女孩 རྗེས་སུ་བུ་མོ་དེ་ཡི་མིང་ནི་ཁྱེད་ལ་བོས། 之后她的名字叫给您 ཨ་མ་འབྲུག་མཚོ། 阿妈周措 ཁྱེད་ནི་ཨ་ཕས་བཤད་པའི་བྱིས་སྒྲུང་མཚར་བོ་ཞིག 您是阿爸讲的童话故事 ཁྱེད་ནི་ལང་ཚོ་སྨིན་པའི་བུ་མོ་མཛེས་མ་ཞིག 你是青春活力的美女 ཕ་ཡུལ་གྱི་པང་དུ་འཁྱིལ་བའི་ལྷ་མཚོ། 故乡怀抱里的圣湖 དབྱར་གྱི་འོ་མཆོད་དགུན་གྱི་ཇ་མཆོད་ཁྱེད་ལ་མཆོད་དུས། 冬夏给你供奉 མཚོ་ཡི་རླབས་ཕྲེང་རེ་རེ། རླབས་ཀྱི་ཟེགས་མ་རེ་རེ། ཀླུ་ཡི་དངོས་གྲུབ་རེ་རེ། 一环环水纹 水滴 是神龙赐给的妙果 སྒང་པ་བོད་ཀྱིས་ལྷ་མཚོ་ཁྱེད་ལ་སྔོན་མོའི་ནས་ཀྱི་མཚོ་གཏེར་ཕུལ། 人们给您供奉 ལྷ་མཚོ་ཁྱེད་ཀྱིས་སྒང་བ་བོད་ལ་སྦྲང་ཆར་བསིལ་མའི་དངོས་གྲུབ་བསྩལ། 你也赐给了人们妙果 ཨ་མ་འབྲུག་མཚོ། 阿妈周措 ཟུར་དྲུག་སྙེ་མའི་མགོ་ལྕོག་ལྡེམ་ཚེ། 饱满的麦粒摇动时 གཡང་དཀར་ལུག་ཁྱུའི་འབའ་སྒྲ་སྒྲོག་དུས། 小羊群呼唤时 རྩྭ་རྩི་ཏོག་རྒྱས་དུས་ཁྱེད་རང་དྲན། 想念您阿妈周措 ལུག་གཡང་ཁ་འཁོར་དུས་ཁྱེད་རང་དྲན། ལས་ཀྱི་ཕ་ཡུལ་དུ་འཁྱིལ་བའི་སྲིད་པའི་ལྷ་མཚོ། 大地圣湖 ཁྱེད་ནི་གཏམ་རྒྱུད་ཅིག་ལས་འཁྲུངས་པའི་མི་ཡུལ་གྱི་ལྷ་མོ་ཡིན། 诞生于一篇故事的人间仙女 ཁྱེད་ནི་ཕ་ཡུལ་དུ་འཁྱིལ་བའི་ས་དོག་མོའི་མགུལ་རྒྱན་ཡིན། 你是大地的项链 གནའ་སྔ་མོ་སྔ་མོ་ཁྱེད་ནི་བུ་མོ་ཕལ་བ་ཞིག་ཡིན་ཟེར། 很久以前你是位美丽的姑娘 དེ་དུས་ཁྱེད་ནི་བུ་མོ་ཞིག་གི་གཟུགས་སུ་སྤྲུལ། 那时化为一家普通闺女 རྗེས་སུ་བུ་མོ་དེ་ཡི་མིང་ནི་ཁྱེད་ལ་བོས། 之后她的名字叫给您 ཨ་མ་འབྲུག་མཚོ། 阿妈周措 ཁྱེད་ནི་ཨ་མས་གླེང་བའི་མ་བཟང་བུ་མོ་ཞིག 您是阿妈常说的仙女 ཁྱེད་ནི་གཏན་དུ་བསྣུབས་པ་མེད་པའི་མཚོ་ཆུང་ཞིག 您是永无尽头的圣湖 ཕ་ཡུལ་གྱི་པང་དུ་འཁྱིལ་བའི་ལྷ་མཚོ། 故乡怀抱里的圣湖 མི་ཡི་རེ་བ་ཕྱུགས་ཀྱི་འཕེལ་ཁ་ཁྱེད་ལ་བཅོལ་དུས། 当家乡的一切富裕的时候 མི་ཡི་འབོད་པ་རེ་རེ། མཚོ་ཡི་དངོས་གྲུབ་རེ་རེ། དབྱར་གྱི་ཆར་ཐིགས་རེ་རེ། 每一个呼唤 湖的妙果 一滴滴水 སྒང་བ་བོད་ཀྱིས་ལྷ་མཚོ་ཁྱེད་ལ་མངར་མོའི་ཟས་ཀྱི་མཆོད་པ་ཕུལ། 人们一切献给您 ལྷ་མཚོ་ཁྱེད་ཀྱིས་སྒང་བ་བོད་ལ་དུས་ཚིགས་བཞི་ཡི་འདོད་འདུན་སྐོང་། 感谢您也能满足我们的内心 ཨ་མ་འབྲུག་མཚོ། 阿妈周措 སྤུན་དང་ན་ཟླའི་གླུ་སྐད་གོ་དུས། 听到人们的歌声 བུ་དང་བུ་མོའི་དགོད་སྒྲ་གསལ་ཚེ། 还有笑声 ཟས་རོ་བརྒྱ་ཟ་དུས་ཁྱེད་རང་དྲན། 佳肴美馔前 གོས་ཟ་འོག་གྱོན་དུས་ཁྱེད་རང་དྲན། 穿着丝绒时 ལས་ཀྱི་ཕ་ཡུལ་དུ་འཁྱིལ་བའི་སྐལ་བའི་ལྷ་མཚོ། 会想起故乡的圣湖 ཨ་མ་འབྲུག་མཚོ། 阿玛周措